ཐེག་པ་ཆེན་པོའི་གདམས་ངག ( བློ་སྦྱོང་དོན་བདུན་མ། )
Khenchen Sonam Gyatso Teaching Khenchen Sonam Gyatso Teaching
2.94K subscribers
3,558 views
59

 Published On Jan 25, 2023

བློ་སྦྱོང་དོན་བདུན་མའི་བརྗོད་བྱ་གཙོ་བོ་བདུན་པོ་ནི།

༠༡ བཀའ་གདམས་པའི་ལུགས་ཀྱི་སྔོན་འགྲོ་རྟེན་གྱི་ཆོས་སེམས་པ་དང་།
༠༢ དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་།
༠༣ རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ།
༠༤ ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ།
༠༥ བློ་འབྱོངས་པའི་ཚད།
༠༦ བློ་སྦྱོང་གི་དམ་ཚིག
༠༧ བློ་སྦྱོང་གི་བསླབ་བྱའོ།།


དང་པོ་སྔོན་འགྲོ་དག་ལ་བསླབ། །རྟོག་ལ་དབུགས་ནི་བགྲང་བ་དང་། །
ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །
གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ངོ་བོ་ཀུན་གཞིའི་ངང་དུ་བཞག །
ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །དང་པོར་བྱམས་རྗེ་ལེགས་པར་བསྒོམ། །
གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་ཉིད་རླུང་ལ་བསྐྱོན་པར་བྱ། །

ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །དེ་ལ་དྲན་པ་བསྐུལ་བའི་ཕྱིར། །
སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོངས། །ལེན་པའི་གོ་རིམ་རང་ནས་བརྩམ། །
སྣོད་བཅུད་སྡིག་པས་གང་བའི་ཚ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །
ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །
འཁྲུལ་སྣང་སྐུ་བཞིར་བལྟ་བ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །

སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར། །
མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་ལ་སྦྱར་བར་བྱ། །
ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །
ཆོས་རྣམས་དགོས་པ་གཅིག་ཏུ་འདུས། །དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་། །
ཡིད་བདེ་འབའ་ཞིག་རྒྱུན་ཏུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །

སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སོར་བཞག །
ཡན་ལག་ཉམས་པ་རྣམས་མི་བརྗོད། །གཞན་ཕྱོགས་གང་ཡང་མི་བསམ་མོ། །
ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། །འབྲས་བུའི་རེ་བ་ཐབས་ཅད་སྤང་། །
དུག་ཅན་གྱི་ཟས་སྤངས། གཞུང་བཟང་པོ་མ་བསྟེན། ཤགས་ངན་མ་རྒོད། 
འཕྲང་མ་སྒུགས། གནད་ལ་མི་དབབ། མཛོ་ཁལ་གླང་ལ་མི་འབྱོ། 

མགྱོགས་ཀྱི་རྩེ་མ་གཏོད། གཏོ་ལོག་མི་བྱ། ལྷ་བདུད་དུ་མི་དབབ། 
སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། །རྣལ་འབྱོར་ཐམས་ཅད་ གཅིག་གིས་བྱ། །
ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །
གཉིས་པོ་གང་བྱུང་བཟོད་པར་བྱ། །གཉིས་པོ་སྲོག་དང་བསྡོས་ལ་བསྲུང་། །
བཀའ་བ་གསུམ་ལ་བསླབ་པར་བྱ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །

ཉམས་པ་མེད་པ་རྣམ་གསུམ་བསྒོམ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །
ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱོང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །
བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །མཁྱེན་རབ་བློ་ལྡན། ཏུ་བསྒོམ། །
རྐྱེན་གཞན་དག་ལ་ལྟོས་མི་བྱ། །ད་རེས་གཙོ་བོ་ཉམས་སུ་བླང་། །གོ་ལོག་མི་བྱ། །
རེས་འཇོག་མི་བྱ། དོལ་ཆོད་དུ་སྦྱང་། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། །

ཡུས་མ་བསྒོམ། ཀོ་ལོང་མ་སྡོམ། ཡུད་ཙམ་པ་མི་བྱ། འོར་ཆེ་མ་འདོད། 
སྙིགས་མ་ལྔ་པོ་བདོ་བ་འདིར། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །
མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །
སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །
སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །
ད་ནི་ཤི་ཡང་མི་འགྱོད་དོ།། །།༈

འགྲེལ་བ་པོ། = མཁན་ཆེན་བསོད་ནམས་རྒྱ་མཚོ།

#LIGHT_OF_BUDDHA

#Khenchen_Sonam_Gyatso_Teachings

show more

Share/Embed