DRAMETSE NGACHAM
Lhalung Jamten Lhalung Jamten
533 subscribers
27,457 views
178

 Published On Dec 1, 2018

༄༄། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་པདྨ་གླིང་པ། དེའི་སྲས་རྒྱལ་སྲས་གསང་བདག དེའི་སྲས་པཎ་ཆེན་བི་མའི་རྣམ་སྤྲུལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ། དེ་ལ་གཅེན་མོ་ཨ་ཎི་མཆོད་རྟེན་བཟང་མོ་དང་། གཅུང་ཀུན་དགའ་སྙིང་པོ་འཁྲུངས། གཅུང་ཀུན་དགའ་སྙིང་པོ་དག་པའི་སྣང་ངོར་ཟངས་མདོག་དཔལ་རིར་བྱོན་ཏེ། རིག་འཛིན་དཔའ་བོ་དཔའ་མོའི་ཚོགས་ཀྱིས་གར་འཆམ་མཛད་པའི་གཟིགས་སྣང་བྱུང་བ་རྣམས་ངོ་མཚར་དག་སྣང་ཞི་ཁྲོའི་གར་འཆམ་ལེའུ་བཅོ་བརྒྱད་ཀྱི་རྩ་ཚིག་ཏུ་བཀོད་ནས་གདུལ་བྱ་སློབ་མའི་ཚོགས་ལ་བསྟན་ཏེ། དགྲ་མེད་རྩེའི་རྔ་འཆམ་ཞེས་དར་ཁྱབ་བྱུང་བ་ནས་བཟུང་འབྲུག་རྒྱལ་ཁབ་ནང་ཐུན་མིན་ལམ་སྲོལ་ཁྱད་ཆོས་ཡོངས་གྲགས་ཅན་གཅིག་ཏུ་གྱུར་ཏེ་ད་བར་མི་ལོ་བཞི་བརྒྱ་ལྷག་སོང་ཞིང་། ད་ལམ་རབ་བྱུང་བཅུ་བདུན་ས་ཁྱི་ཟླ་ ༡༠ ཚེས་ ༡༥ འམ། སྤྱི་ལོ་ ༡༠༡༨ ཟླ་ ༡༡ ཚེས་ ༢༣ ཉིན། དགྲ་རྩེ་ཐེག་མཆོག་ཨོ་རྒྱན་རྣམ་གྲོལ་ཆོས་གླིང་དུ་ལོ་བསྟར་བསྐང་གསོ་ཆེན་མོའི་དུས་མཆོད་དང་འབྲེལ་དགྲ་མེད་རྩེའི་རྔ་འཆམ་མཐོང་གྲོལ་ངོ་མཚར་བྱིན་རླབས་ཅན་གནང་བ་ཀུན་ལ་གཟིགས་འབུལ་ཞུས་པ།

show more

Share/Embed