New Tibetan song 2021 by Tsering Lhakyi སྙིང་གི་དགའ་ལོ
Amchok Soanm Amchok Soanm
932 subscribers
675 views
18

 Published On Apr 21, 2021

སྙིང་གི་དགའ་ལོ།

གླུ་ཚིག———འབྱོ”མུན་རྒོལ།
དབྱངས།———རྒྱ་གར།
གླུ་མ།______ཚེ་རིང་ལྷ་སྐྱིད།


ལས་སྐྱེ་བ་མཐུན་པའི་མི། ངའི་སྙིང་གི་དགའ་ལོ།
ཁ་མནའ་ཚིག་བརྗེད་པ་མེད་ན། མདངས་བརྩེ་བ་མི་འགྱུར།

ལས་སྨོན་ལམ་གཅིག་པའི་མི། ཚེ་གཅིག་ལ་མཉམ་དུ་འགྲོ།
མི་ཚེ་ལ་བར་ཆད་མེད་ན། སེམས་བརྩེ་བ་མི་འགྱུར།
སེམས་བརྩེ་བ་ཟབ་པའི་མི། སེམས་ནང་གི་ནོར་བུ།
འཇིག་རྟེན་འདི་མ་འགྱུར་ན། བརྩེ་བ་འདི་མི་འགྱུར།
འུ་གཉིས་ལ་འགྱུར་བ་ཆེ་ན། མི་ཚེ་ཡི་སྡུག་རེད།
བརྩེ་དུང་ལ་རིན་ཐང་མེད་ན། འཁོར་བ་ཡི་སྡུག་རེད།

སྙིང་དམར་པོ་གཏད་ས་ཁྱོད་རང་ཡིན། ངའི་སེམས་ཀྱི་དགའ་ལོ།

རྩི་མེ་ཏོག་སྤང་ལ་མཛེས། ཆར་ཟིམ་ཟིམ་བབས་ན་མཛེས།
མཁའ་དབྱིངས་ལ་འཇའ་ཚོན་ཤར། འཇིག་རྟེན་གྱི་མིག་ལ་མཛེས།

རོགས་ན་ཟླ་འགྲོ་ས་ཁྲོམ། སེམས་བརྩེ་བས་རྒྱན་ན་མཛེས།
བརྩེ་དུང་གི་མགུལ་རྒྱན་འདི། རོགས་མགུལ་དུ་བསྒྲོན་ན་མཛེས།
ངའི་ལག་གི་མགུལ་རྒྱན་དམར་པོ་འདི། རོགས་ཁྱོད་ཀྱི་དྲན་རྟེན་ཡིན།
ཞེ་མཐུན་པའི་རྡོ་ཡི་རི་མོ། འུ་གཉིས་ཀྱི་སྙིང་ལ་འབྲི།
མི་འགྱུར་བའི་མནའ་ཚིག་འདི། སྙིང་དམར་པོའི་དམ་ཚིག་ཡིན།
སེམས་མཐུན་སའི་དགའ་ལོ་ཁྱོད། ངའི་མི་ཚེའི་སྐྱ་ཡ་ཡིན།

སྙིང་དམར་པོ་གཏད་ས་ཁྱོད་རང་ཡིན། ངའི་སེམས་ཀྱི་དགའ་ལོ།

show more

Share/Embed