New Tibetan song 2022 by Gepe. ༼ ང་ཡི་འཔྲོག་པ།༽ དགེ་བྷེ
Amchok Soanm Amchok Soanm
932 subscribers
573 views
11

 Published On Dec 16, 2021

ང་ཡི་འབྲོག་པ།
ཚིག བེ་དུང་།
དབྱངས། གངས་ལྗོངས་པི་ཝང་།
གཞས་པ། གངས་ལྗོངས་པི་ཝང་།

ང་ཡི་འབྲོག་པ། ང་ཡི་འབྲོག་པ།
སྦྲ་རྒན་དུ་ཞག་ཅན་པོ་བསྐྱུར་ནས་གང་ལ་འགྲོ།
འབྲོག་ཟས་རོ་བཅུད་ཅན་པོ་བསྐྱུར་ནས་གང་ལ་འགྲོ།
ང་ཡི་འབྲོག་པ་མ་འགྲོ་ཕྱིར་ལ་ཤོག
རྒྱ་གྲོང་དེ་ནི་ཁྱོད་རང་འདུག་ས་མིན།
ཁྱོད་རང་འཚོ་ས་རང་བྱུང་རྩྭ་ཐང་ཡིན།
ང་ཡི་འབྲོག་པ་ཕྱིར་ལ་ཤོག

ང་ཡི་འབྲོག་པ། ང་ཡི་འབྲོག་པ།
གངས་ཀྱི་རི་བོ་ཅན་པོ་བསྐྱུར་ནས་གང་ལ་འགྲོ།
གཙང་བོ་བརྒྱད་ལྡན་ཅན་པོ་བསྐྱུར་ནས་གང་ལ་འགྲོ།
ང་ཡི་འབྲོག་པ་མ་འགྲོ་ཕྱིར་ལ་ཤོག
རྒྱ་གྲོང་དེ་ནི་ཁྱོད་རང་འཚོ་ས་མིན།
ཁྱོད་རང་འཚོ་ས་གངས་རིའི་འདབས་རོལ་ཡིན།
ང་ཡི་འབྲོག་པ་ཕྱིར་ལ་ཤོག

ང་ཡི་འབྲོག་པ། ང་ཡི་འབྲོག་པ།
རྩྭ་ཐང་གོས་ལྗང་འདྲ་བོ་བསྐྱུར་ནས་གང་ལ་འགྲོ།
མཛེས་སྡུག་མེ་ཏོག་ཅན་པོ་བསྐྱུར་ནས་གང་ལ་འགྲོ།
ང་ཡི་འབྲོག་པ་མ་འགྲོ་ཕྱིར་ལ་ཤོག
རྒྱ་གྲོང་དེ་ནི་ཁྱོད་རང་རྟེན་ས་མིན།
ཁྱོད་རང་འཚོ་ས་འབྲོག་ཐང་སྨུག་པོ་ཡིན།
ང་ཡི་འབྲོག་པ་ཕྱིར་ལ་ཤོག

show more

Share/Embed