དབུ་མ་དགོངས་པ་རབ་གསལ་གྱི་ཁྲིད། 108
Lhase Sonam Lhase Sonam
1.31K subscribers
81 views
4

 Published On Apr 12, 2022

རོང་བོའི་དགེ་བཤེས་བློ་བཟང་ཆོས་གྲགས་ལགས་ནི ། ༡༩༦༨ལོའི་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་གྱི་ལོར་རེབ་གོང་སྨད་པ་ནས་སྐྱེས། སློབ་འབྲིང་མཐར་ཕྱིན་རྗེས་ཀྱི་དགུང་ལོ་བཅུ་དྲུག་སྟེང་ཀུན་སྤངས་སེམས་དཔའ་ཆེན་པོ་འཇའ་མོའི་ཨ་ཁུ་རིན་པོ་ཆེ༧དགེ་འདུན་ཆོས་འཕེལ་ཚང་གི་མདུན་ནས་རབ་ཏུ་བྱུང་། དགའ་ལྡན་ལྔ་མཆོད་སྐབས་རོང་བོ་དགོན་ཆེན་གྱི་ཚོགས་ལ་ཞུགས་ཤིང་དོན་བདུན་ཅུ་ཚོགས་རྒྱུགས་སུ་ཕུལ། དགུང་ལོ་བཅུ་དགུའི་སྟེང་སྐྱབས་མགོན་བདུན་པ་ཆེན་པོའི་རྒྱལ་ཚབ་རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོ་ལས་བསྙེན་པར་རྫོགས། རོང་སྟོན་ཡོངས་འཛིན་དགེ་འདུན་བསྟན་འཛིན་གྱི་ཞབས་པད་བསམ་སྦྱོར་དག་པས་ཡུན་དུ་བསྟེན་ཏེ་མགོ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་དང་། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་མདོ་ཕྱོགས་དང་། སྔགས་ཀྱི་སྟོང་ཐུན་སོགས་སྔགས་ཕྱོགས་ཀྱི་དཔེ་ཁྲིད། ཐུན་མོང་རིག་གནས་ཀྱི་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ། གྲྭ་ཚང་རང་གི་འཛིན་གྲྭ་མཇུག་རྫོགས་པའི་བར་ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་གཞུང་དེ་དག་ལ་ལྟ་རྟོག་སྦྱངས་པ་དཔྱིས་ཕྱིན་པར་མཛད། གཞན་ཡང་དམ་པ་དེ་ཉིད་དང་བསེ་ཚང་བློ་བཟང་དཔལ་ལྡན། རྗེ་འཇིགས་མེད་རིགས་པའི་བློ་གྲོས། གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ། ཤར་གདོང་རིན་པོ་ཆེ། ལ་མོ་ཡོངས་འཛིན་རིན་པོ་ཆེ། སྡེ་སྣོད་འཛིན་པ་དགེ་འདུན་བསམ་གཏན། ཡོངས་འཛིན་འཇིགས་མེད་ཐེག་མཆོག་སོགས་བཤེས་གཉེན་མང་བོའི་མདུན་ནས་བཀའ་བསྟན་གྱི་ལུང་དང་། ༧རྗེ་བླ་མ་ཡབ་སྲས་དང་མར་ནང་རྡོ་རྗེ་འཆང་ཆེན་པོ་སོགས་ཀྱི་བཀའ་འབུམ་བཀླག་ལུང་གི་རྒྱུན་གཙོ་བོར་གྱུར་བའི་དབང་ལུང་ཁྲིད་སོགས་མང་ཙམ་ཐོབ།ད་ལྟ་ཁོང་གིས་རོང་བོ་ཐོས་བསམ་གླིང་གི་རིག་གཞུང་དོན་གཉེར་བ་མང་བོར་གཞུང་ཆེན་མོའི་སྐོར་དང་། རོང་བོ་རྒྱུད་པ་གྲྭ་ཚང་།སོ་ནག་དགོན ། ཚ་རྒྱ་དགོན་སོགས་སུ་ཐུན་མོང་རིག་གནས་དང་ལམ་ཁྲིད་བློ་སྦྱོང་སོགས་དམ་ཆོས་ཀྱི་གྲུ་ཆར་འདོད་དགུར་འབེབས་བཞིན་ཡོད།

བརྩམས་ཆོས་ལ། དབུ་མའི་དཔྱད་ལན་རྒྱས་པ། དཔྱད་རྩོམ་ཐོར་བུའི་སྐོར ། སྙན་རྩོམ་སོགས་སྦྲང་ཆར་ལྟ་བུའི་ཞིང་ཆེན་རིམ་པའི་དུས་དེབ་སྟེང་མང་དུ་སྤེལ། དེ་ལྟར་ཁོང་ནི་ཐུན་མོང་དང་ཐུན་མིན་གྱི་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་ཤེས་བྱའི་དཀྱིལ་འཁོར་ལ་ཀུན་ནས་གཟིགས་པའི་སྤྱན་ཟུང་རབ་ཏུ་ཡངས་ཤིང་བཤད་སྒྲུབ་ཀྱི་བགྱི་བ་ལ་གཅིག་ཏུ་བརྩོན་བཞིན་བཞུགས་སོ༎རྩོམ་སྟངས་ཀྱི་ཆ་ནས་ཀྱང་དོན་གྱིས་སྟོང་ཞིང་ཚིག་གི་རོ་མ་སྤུངས་པའི་སོག་མའི་ཕོན་པོ་ལྟ་བུ་མ་ཡིན་པར་ཚིག་བཅད་ལྷུག་གང་ལའང་དོན་གྱི་ཟབ་ཚད་དང་ཚིག་གི་མཉེན་ཆ། སྙན་པའི་རོ་བཅུད་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་མངའ་བ་ནི་བཀླགས་པ་ཙམ་གྱིས་གོ་ནུས་པ་ཞིག་ཡིན་ནོ༎

show more

Share/Embed